གླང་དར་མ། (འུ་དུམ་བཙན་པོ་ཡང་།)
༤༠༽ ཁོས་མུ་མཐུད་དེ། གནོད་སྦྱིན་མ་དེས་བོད་ཀྱི་ལྷ་རི་ཚང་མ་དམ་ལ་བཏགས་པས། ཕོ་ལྷ་དགྲ་ལྷ་ཚང་མའི་མཐུ་ཉམས་པ་དང་རྒྱ་འདྲེ་མང་པོའི་ཁ་དར་ཚུལ་སོགས་རྫུན་གཏམ་མང་པོ་ཞུས།
༤༡༽ ཅོག་རོ་ལྷ་ལོད་ཀྱིས། “ཐ་མ་མོ་རང་ལ་མཛེ་ནད་བྱུང་ནས་རོ་མེར་བསྲེགས་པས་བང་སོ་མེད་པའང་དེ་རེད། དེའི་རྗེས་སུའང་ཅིན་ཁྲིན་ཀོང་ཇོ་ཟེར་བ་ཞིག་བྱུང་ནས་བཀྲ་མི་ཤིས་པ་མང་པོ་བྱུང་བ་རེད།” ཅེས་ཞུས།
༤༢༽ སྲས་དར་མ་ཐུགས་སྐྱོ་ཞིང་ཁྲོས་པའི་ཚུལ་དུ། “ནང་བཀྲ་མ་ཤིས་ན་ཕྱི་དོན་མི་འགྲུབ་ཟེར་བ་རེད། རྒྱ་ལྷ་དེ་ཕྱིར་རྒྱ་ཡུལ་ལ་སྐྱེལ་ཤོག” ཅེས་བཀའ་ཕབ།
༤༣༽ བཙན་པོ་ཐུགས་ཡིད་ཆེས་པ་མཐོང་འཕྲལ་སྦ་རྒྱལ་ཐོ་རེས། “རྒྱ་ལྷ་གཅིག་པུར་ཐུག་པ་ཞིག་མ་རེད། མ་གཞི་ཤཱཀྱ་ཐུབ་པའི་ཆོས་དེས་ལན་པ་རེད། ཐོག་མར་ཆོས་སྤེལ་དུས་ཀྱང་དམར་པོ་རི་སོགས་ལ་ཐོག་བརྒྱབ་པ་དང༌། ནད་དང་གནོད་འཚེ། མུ་གེ་སོགས་བཀྲ་མི་ཤིས་པ་མང་པོ་བྱུང་བ་རེད།” ཅེས་ཞུས།
༤༤༽ སྦས་སྟག་སྣས། “རེད། པདྨ་འབྱུང་གནས་ཟེར་བ་དེ་དག་ཡོང་ནས་བོད་ཀྱི་ལྷ་མང་པོ་འདྲེ་ལ་བསྒྱུར། བོན་བཟང་པོ་གཏོར་བཤིག་བཏང༌། རྒྱལ་ཁྲིམས་འཇིག་པའི་མཐའ་ལ་ལྷུང་བ་རེད།” ཅེས་ངར་ངར་ངང་ཞུས།